བསམ་བློའི་སྙིང་སྟོབས་ལས་བྱུང་བའི་སྐད་ཆ་བཅུ།

(༡)རང་ཉིད་ཀྱི་འཇོན་ཐང་དང་ནུས་ཤུགས་ལ་བརྟེན་ནས་བྱུང་བའི་དཔལ་འབྱོར་ཞིག་བཀོལ་རྒྱུ་མེད་ནས་བཟུང་ཉིད་སྤྲང་པོ་སྤྲང་རྐྱང་
foot printཡིན། ཁྱིམ་མི་དང་གཉེན་ཉེའི་དཔལ་འབྱོར་ཇི་ཙམ་བཀོལ་རྒྱུ་ཡོད་ན་ཡང་ཁྱོད་རང་གི་གཙོ་སྒྲུབ་བྱས་པའི་དཔལ་འབྱོར་མིན་པས་ཆོག་ཤེས་མཛད་པར་གལ་ཆེ། (༢)དུས་རྒྱུན་གཞན་གྱིས་ཁྱོད་ལ་བསྟོད་སྨོད་ཇི་ཙམ་བྱས་ན་དེ་ནི་ཚད་དཔག་ཁོ་ན་ཡིན། རྒྱུ་མཚན་ནི་འཇིག་རྟེན་འདི་ཁྱོད་ལ་རྒྱུས་ཡོད་མཁན་ཁྱོད་རང་ཁོ་ན་མ་གཏོགས་མེད་པས་སོ། དེས་ན་རང་བཟང་པོ་ཡིན་མིན་རང་གིས་དཔྱད་པ་འཚལ། (༣)བྱ་བ་ཆེ་ཆུང་གང་ཡིན་རུང་རང་ཉིད་ཀྱི་འཇོན་ཐང་ཁོ་ནས་བསྒྲུབ་པ་ལས། གཞན་གྱི་སྙན་གྲགས་དང་སྟོབས་ལ་ཁ་གཡར་ནས་བསྒྲུབ་མི་ཉན། རྒྱུ་མཚན་ནི་ཁྱོད་འཇིག་རྟེན་འདི་ཡུན་དུ་འཚོ་དགོས་པས་ཁྱོད་རང་ལ་ཡང་དེ་དག་གི་ཉམས་མྱོང་དང་དེ་སྒྲུབ་པའི་ཐབས་ཤེས་ཡོད་དགོས་ངེས།

(༤)ཉིད་བརྟུལ་ཕོད་ཅན་གྱི་དཔའ་བོ་ཞིག་ཡིན་ན། རང་གི་སྐྱོན་དང་ནོར་འཁྲུལ་ངོས་ལོན་བཟོ་བ་དང་རང་སྐྱོན་སྦས་པའི་ཆེད་དུ་མི་གཞན་ལ་ཞྭ་ནག་བཀོན་པ་དང་བྱ་བ་གཞན་ལ་ཁག་བཀལ་མི་ཉན། ལྷག་པར་དུ་སྤྱི་ལ་ཁ་གཡར་ནས་སྒེར་དོན་སྒྲུབ་པ་དང་། སྤྱི་ཡིས་རང་གི་སྐྱོན་སྦས་བྱེད་བཟོ་མི་ཉན།གལ་སྲིད་དེ་དག་བཟོས་པ་ཡིན་ན་ཁྱོད་རང་མི་གྲལ་ནས་བུད་དེ་ཟོག་གྲལ་ལ་ཞུག་པ་དང་ཆ་འོ། (༥)མི་ཚེ་གཅིག་གི་ནང་། མི་ཚང་མའི་བློ་ལ་བབས་པའི་བྱ་བ་དང་། སེམས་ཅན་ཚང་མ་ལ་བདེ་སྐྱིད་སྟེར་དགོས་ན་ཧ་ཅང་དཀའ། དེ་བས་ཁ་ཚ་དགོས་གཏུག་གི་བྱ་བ་དག་ལ། རང་ཉིད་ཀྱི་ནུས་ཤུགས་ཕྱུངས་ནས་སྒྲུབ་ཕོད་པ་དང་། རང་ཉིད་ཀྱིས་ནུས་ངེས་ཅན་གྱི་འཚེ་མེད་དཀར་ཟས་ལ་རོལ་བ་གལ་ཆེ། (༦)མི་ཞིག་གི་ཁྱོད་ལ། ལྐོགས་བཤད་དང་ཕྲག་དོག་བྱེད་པ། དེ་ནས་བཟུང་། ཁྱོད་རང་ཁོ་ལས་འཇོན་ཐང་ཆེ་བ་དང་ནུས་ཤུགས་ཆེ་བ། ཁོས་རང་བཞིན་ཤུགས་ཀྱི་ཁས་བླང་བ་ཡིན། དེས་ན་སྙིང་རྗེའི་དབང་གི་ཁོ་ལ་བཟོད་སྒོམ་བྱེད་རྒྱུ་གལ་ཆེ། ཁོ་ལྟ་བུའི་མི་ལ་བདེ་སྐྱིད་ཡོད་མི་སྲིད། རྒྱུ་མཚན་རང་ལས་མཆོག་པ་རྣམས་ལ་ཕྲག་དོག་རྒྱ་ཆེན་བྱེད། ཁོ་ལ་བདེ་སྐྱིད་ཡོད་དགོས་ན་ས་ཐོག་འདིར་ཁོ་ལས་བཟང་ཟིག་ཡོད་མི་ཆོག དེ་ཡོད་པ་ནས་ཁོ་རང་སྡུག་སྔལ་བའོ། (༧)རྫི་གླུ་རི་ལ་གཏོར་ནས། མི་ཚེ་ཟོག་རྗེས་ཟད་པའི་བྱང་ཐང་གི་འབྲོག་མོ། ཕུགས་བསམ་གོར་མོ་ལ་བཅོལ་ནས། མདུན་ལམ་རྒྱུཊ་ཁྱི་རུ་བསྒྱུར་བའི་དེང་སང་གི་སྡེ་དཔོན།མང་ཚོཊ་ཀྱི་ཟུང་ཁྲག་འཇིབ་ནས། མི་ཚེ་དཀོར་ནག་ལ་མགོ་བོ་འཁོར་བའི་དེང་དུས་ཀྱི་གྲོང་ཆོག་མཁན།ཚེ་སྟོད་ཤོ་བག་ལ་རོལ་ནས། ཚེ་སྨད་དུ་ཆང་དང་མཉམ་དུ་ཟད་པའི་ཉེར་གཅིག་པའི་ཧ་ལོག་པ་ཁག་གཅིག།མི་ཚེ་གང་བོ་གཞན་གྱི་འགོ་ཁྲིད་ཡིན་སྙམ་ནས། དོན་དུ་རང་གི་མགོ་བོ་ཡང་རྨོངས་ཚར་བའི་ཁ་རྩང་གི་འགོ་ཁྲིད།གཉིད་མ་སད་གང་ནས། ཕྱོགས་བཞིར་རྒྱུགས་བསམ་པའི་ཀླད་མེད་ཀྱི་མི་བུ་འགའ་ཞིག། (༨)རང་ཉིད་ཀྱི་ཁམས་དབང་དང་མོས་པ་ལ་བསྟུན་ནས་ཕུགས་བསམ་བསྒྲུབ་པ་ལས། གཞན་གྱི་བཤད་པ་རྐྱང་བ་ལ་བརྟེན་མི་རུང་། གལ་སྲིད་བསྟེན་ན་གྲུབ་འབྲས་མི་བཟང་མ་ཟད་ཁྱེད་ཀྱི་རེ་བ་ཉག་གཅིག་ཡང་མངོན་གྱུར་རེད་པའི་ཐབས་མེད། དེས་ན་དཔའ་སྤོབས་ལྡན་པའི་ཐོག་རྒྱང་བལྟ་བཟོ་ནས་རང་ཐག་གཅོད་རྒྱུ་གལ། (༩)་ངག་ནས་མ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱ་བར་འདོད་ཚུལ་གླེང་ནས། ཁ་ནས་དུད་འགྲོའི་ཚེ་སྲོག་གི་ཁ་ཟས་མ་བཟོ། དེ་བཟོས་ན། ནང་ཆོས་ཀྱི་ཞབས་འདྲེན་དང་། རྗེས་ལུས་ཀྱི་ལྟ་བ་ཡིན།ནམ་ཡང་ཚེ་སྲོག་འདྲ་མཉམ་གྱི་ལྟ་བ་མ་བོར། ས་ཆ་ག་གེ་མོ་འགའ་ལ་བོད་ཆོས་ལྡན་བྱས་པས་ལས། བོད་འདྲེ་སྲིན་བྱས་ན་བརྗོད་པ་དོན་མཐུན་དུ་སྣང་། (༡༠)བྲེལ་ཚབ་ཀྱི་དུས་སུ་རང་ཉིད་ལ་དྲི་བ་བཀོད་སྟེ་སེམས་ལྷོད་ལྷོད་གཏོང་རྒྱུ་ཧ་ཅང་གལ་ཆེ། རྒྱུ་མཚན་ནི་ཉིད་ཚབ་སོང་ན་ཉིད་ཀྱི་བྱ་བ་ཡང་ཚབ་འགྲོ་བས་རྣམ་དག་རེད་དཀའ། དམིགས་རྒྱང་རིང་པོ་ལ་བསམ་ནས་རང་སེམས་ལྷོད་ལྷོད་གཏོང་ན་ཐོབ་བྱ་ཆེ་བས། གཙོ་བོ་མཇུག་འབྲས་ལ་མནོ་བསམ་གཏོང་རོགས། འཇིག་རྟེན་འདིའི་ཐོག་ཉིད་ཚད་འཛིན་ཐུབ་མཁན་ཁྱོད་རང་མ་གཏོགས་སུ་ཡང་མེད། དེའི་ཕྱིར་ན་བྱ་བ་གང་བསྒྲུབ་ཀྱང་མནོ་བསམ་གཏོང་རྒྱུ་དང་ཚད་འཛིན་བཟོ་རྒྱུ་གལ་ཆེའོ།

Advertisements

དགོངས་ཚུལ་ཞོགས།

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  བཟོ་བཅོས། )

Google photo

You are commenting using your Google account. Log Out /  བཟོ་བཅོས། )

Twitter picture

You are commenting using your Twitter account. Log Out /  བཟོ་བཅོས། )

Facebook photo

You are commenting using your Facebook account. Log Out /  བཟོ་བཅོས། )

Connecting to %s