ཁེར་རྐྱང་གླིང་བུ་འབུད་ཀྱིན་ལམ་དུ་ཆས།

ང་ལམ་དུ་ཆས།

ཁེར་རྐྱང་ངང་ལམ་དུ་ཆས།

ཕར་སྐྱེལ་བའི་སྐྱེལ་མ་བྱེད་མཁན་མེད་ལ།

ཕྱིར་སླེབས་པའི་མགྲོན་བསུ་བྱེད་མཁན་ཡང་དེ་བས་མེད།

ང་ལ་ཅི་ཞིག་ཡོད་པ་ནི།

དྲང་བདེན་དང་ཆོད་སེམས་ཀྱིས་ཁེངས་པའི་གླིང་བུ་ཚིག་གསུམ་འདི་ཡིན།

ངས་ནམ་རྒྱུན་བཞིན། དེ་རིང་ཡང་གླིང་བུ་འབུད་ཀྱིན་ལམ་དུ་ཆས།

འདི་ནི་ངའི་གཤིས་ཀ་ཟེར་ནའང་འདྲ།

ངའི་ཕ་མེས་ཚོས་ང་ལ་བཞག་པའི་འགན་འཁྲི་དེ་རེད།

ང་ལམ་དུ་ཆས།

ཁེར་རྐྱང་ངང་ལམ་དུ་ཆས།

གླིང་བུ་འབུད་ཀྱིན་ལམ་དུ་ཆས།

 

Advertisements

One thought on “ཁེར་རྐྱང་གླིང་བུ་འབུད་ཀྱིན་ལམ་དུ་ཆས།

  1. ཁྱེད་ཀྱི་གླིང་བུ་དེ་ནི།
    ཇི་འདྲའི་སྙན་པ་ཞིག
    ཇི་འདྲའི་སྲངས་བ་ཞིག
    ཇི་འདྲའི་འཇེབ་པ་ཞིག
    ཇི་འདྲའི་ཡིད་དུངས་བ་ཞིག
    ང་ནི་ཁྱེད་ཀྱི་གླིང་བུར་ཉན་རྒྱུར་ཆེས་དགའ།

    Liked by 1 person

དགོངས་ཚུལ་ཞོགས།

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out / བཟོ་བཅོས། )

Twitter picture

You are commenting using your Twitter account. Log Out / བཟོ་བཅོས། )

Facebook photo

You are commenting using your Facebook account. Log Out / བཟོ་བཅོས། )

Google+ photo

You are commenting using your Google+ account. Log Out / བཟོ་བཅོས། )

Connecting to %s