གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་སློབ་གཉེར་བ་རྣམས་ཀྱིས་ལོ་འཁོར་བྲིས་རྒྱུགས་ཆེན་མོ་ཕུལ་བའི་གནས་བསྡུས།

དེ་ཡང་<<གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་>>གི་གཞི་རྩའི་སྒྲིག་ལམ་ལྟར་ལོ་བསྟར་བཞིན་བོད་ཟླ་བརྒྱད་པའི་ནང་གི་རྩོད་རྒྱུགས་ཆེན་མོ་དང་། བོད་ཟླ་བཅུ་པའི་ནང་གི་ཚད་མ་རིགས་སྒྲ་ཆེན་མོ། བོད་ཟླ་བཅུ་གཅིག་ནང་གི་བྲིས་རྒྱུགས་ཆེན་མོ་བཅས་ཀྱི་སྒོ་ནས་བཤད་སྒྲུབ་སློབ་གཉེར་བ་རྣམས་ཀྱི་རིག་ལམ་ལ་སྐུལ་ལྕག་དང་སློབ་སྦྱོང་གོང་འཕེལ་གཏོང་བའི་ཐབས་ལམ་ཇི་དགེ་འདོན་བཞིན་ཡོད་པ་མ་ཟད། ཚོགས་དང་འཆད་རར་ཞུགས་ཚད་དང་། དེ་བཞིན་རིག་གནས་དང་རྩ་གཞུང་འགྲེལ་བ་བཅས་ངག་རྒྱུགས། དཔེ་བརྗོད། ཤོག་ཁྲ་བཅས་དུས་ཐོག་ཏུ་འབུལ་ཐུབ་མིན་བཅས་ཀྱི་སྒོ་ནས་ལོ་རེའི་བརྒྱ་ཆའི་ཚད་གཞིའི་སྟེང་འཛིན་རིམ་གོང་འོག་འཕར་ཆག་གནང་བཞིན་ཡོད་པ་ནི། ཆེས་མཐོའི་སློབ་གླིང་ཁང་གང་ཞིག་གིས་ཤེས་ཡོན་དང་། སློབ་གསོ་གོང་འཕེལ་གཏོང་སྟངས་ཀྱི་ཚད་གཞི་འཛིན་ས་ལྟ་བུ་ཞིག་ཀྱང་ཡིན་པ་རེད། དེ་ལྟར་<<གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་>>གི་ཚད་མའི་རིགས་སྒྲ་ཆེན་མོ་དང་རྩོད་རྒྱུགས་ཆེན་མོ་གཉིས་རིམ་བཞིན་ལེགས་གྲུབ་ཟིན་རྗེས་དཔོན་སློབ་རིན་པོ་ཆེ་ཚངས་པ་བསྟན་འཛིན་དང་། སྒྲུབ་གྲྭའི་མཁན་རིན་པོ་ཆེ་ཚུལ་ཁྲིམས་བསྟན་འཛིན། བཤད་སྒྲུབ་མཁན་པོ་ག་གཟི་དྲང་སྲོང་དགེ་བཤེས་སྐལ་བཟང་སྨོན་ལམ། མཚན་ཉིད་སློབ་དཔོན་འ་བ་དྲང་སྲོང་དགེ་བཤེས་བློ་གྲོས་གཙུག་ཕུད་བཅས་ཀྱིས་གཙོས་རྩ་གཞུང་འཛིན་པའི་སློབ་དཔོན་རྣམས་ཀྱིས་རྒྱུགས་ཤོག་གཏན་འབེབ་གནང་ནས་འཛིན་རིམ་བཅུ་གསུམ་ཡོད་པ་རྣམས་ལ་སྐབས་ཐོག་སྦྱོང་ཚན་དང་བསྟུན་པའི་ལོ་འཁོར་བྲིས་རྒྱུགས་ཆེན་མོ་དེ་འདི་ལོར་ཕྱི་ཟླ་བཅུ་པའི་ཚེས་གཅིག་གི་ཞོགས་པའི་འཁོར་དུས་བདུན་པ་ནས་དབུ་འཛུགས་ཞུས་ཏེ་ཕྱག་ཚོད་གསུམ་གྱི་རྗེས་སུ་མཇུག་ལེགས་པར་གྲུབ་པའི་གསར་གནས་སུ།
སྲིད་པའི་མེ་ལོང་ནས་ཕྱི་ལོའི་༢༠༡༣ཟླ་༡༠ཚེས་༠༡ཉིན།

Advertisements

དགོངས་ཚུལ་ཞོགས།

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  བཟོ་བཅོས། )

Google+ photo

You are commenting using your Google+ account. Log Out /  བཟོ་བཅོས། )

Twitter picture

You are commenting using your Twitter account. Log Out /  བཟོ་བཅོས། )

Facebook photo

You are commenting using your Facebook account. Log Out /  བཟོ་བཅོས། )

w

Connecting to %s