སྟོང་གཟུགས་ཀྱི་གོ་བ་མེད་ན།

རང་སེམས་འདི་སྟོང་པ་ཡིན་ཟེར། །བདག་འཛིན་ལ་ཇི་ལྟར་རྒོལ་ཡང་། །ཆགས་ཞེན་གྱི་དཔུང་ཚོགས་འཐུག་པས། །ཉོན་མོངས་ལ་ཉུང་རྒྱུ་མི་འདུག །
གཉེན་པོ་ཞེས་བཟང་ཕྱོགས་ཡོན་ཏན། །སྤང་བྱ་ཞེས་ཉེས་སྐྱོན་རྣམ་གྲངས། །འདི་ལྟར་ཞེས་གྲངས་ཀ་བརྩིས་ཀྱང་། །སེམས་རིག་ལ་ཡག་བཙོག་མེད་དུས། །དབྱེ་འབྱེད་ཀྱི་བློ་དེ་འཁྲུལ་འདུག །
དོན་དམ་ཞེས་ཁ་ཡིས་བཤད་ཅིང་། །ཀུན་རྫོབ་ཅེས་སེམས་ཀྱིས་བཟུང་ནས། །སྣང་སྟོང་གཉིས་ལོགས་སུ་ཕྱེས་ཏེ། །འགྲེལ་བཤད་ལ་པོད་ཏི་བྱས་ཀྱང་། །སྟོང་གཟུགས་ཀྱི་གོ་བ་མེད་ན། །བཤད་པ་རྣམས་ཆུ་ཡི་ལྦུ་བ། །ཉོན་མོངས་རྣམས་བདུད་དུ་བཟུང་ནས། །སྒོ་གསུམ་གྱི་འབད་པ་དྲག་པོས། །དུག་རྫས་བཞིན་ཕྱི་རུ་བསྐྱུར་ཡང་། །རེ་དོག་གི་གཡང་གཟར་ངོས་ནས། །གཉིས་འཛིན་གྱི་དར་ཆ་ཕྱར་བས། །བསྐལ་པ་ཡི་ལོ་གྲངས་ནང་དུ། །དགེ་བ་ཅེས་འབད་བརྩ྄ོན་དྲག་པོས། །ལུས་ངག་གཉིས་རྡུལ་དུ་བརླག་ཀྱང་། །རང་ཉིད་ཀྱི་ངོ་བོ་མཐོང་དཀའ། །རང་བཞིན་ལ་གསལ་འགྲིབ་མེད་དུས། །སྣང་བ་གསུམ་གྲོགས་སུ་ཤར་ནས། །བག་སྒྲིབ་ཀྱིས་གོས་ས་མི་འདུག །

Advertisements

དགོངས་ཚུལ་ཞོགས།

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out / བཟོ་བཅོས། )

Twitter picture

You are commenting using your Twitter account. Log Out / བཟོ་བཅོས། )

Facebook photo

You are commenting using your Facebook account. Log Out / བཟོ་བཅོས། )

Google+ photo

You are commenting using your Google+ account. Log Out / བཟོ་བཅོས། )

Connecting to %s