ཉིན་འདི་དག་གི་རིང་ལ།

མཁའ་ལ་ཉ་ཟླ་ཤར་བའི་དགོང་མོ་དེར། ། དབྱིངས་ནས་དོག་ལ་ཕེབས་པའི་སྲས་ཤིག་གིས། ། ཚངས་པའི་གསུང་དབྱངས་འབྲུག་པའི་འགྱུར་ཁུག་ལ། ། སློབ་ཚོགས་བཅུ་ཕྲག་རེ་འགས་རྣ་བ་གཏད། ། བད་མཁྲིས་འདུ་བ་འཁྲུག་པའི་རླུང་ཁ་ནས། ། འབྱུང་བཞིའི་གཡར་ཕུང་འདར་བའི་འཇིགས་སྔངས་ལ། ། ཡན་ལག་སྨད་ལྔ་བསྐོར་བའི་འཕྲུལ་འཁོར་གྱིས། ། ལུས་སེམས་བདེ་ཐང་འདྲེན་པ་ཚོར་དུ་བཅུག ། རླུང་སེམས་གནད་དུ་གཟུད་པའི་ཐབས་ལམ་ལ། ། རིག་པ་དྭངས་སྙིགས་ཕྱེད་པའི་ངར་ཞིག་དང་། ། ནད་གདོན་བར་ཆོད་སེལ་བའི་རྣོ་ཞིག་གིས། ། བོན་གྱི་བྱིན་རླབས་ནུས་པ་མཐོང་དུ་བཅུག ། ཞོགས་པའི་ཉི་གཞོན་རི་རྩེའི་རྒྱན་བྱས་དུས། ། སྐུ་གསུམ་རང་ལ་ཤར་བའི་གཟུགས་ཤིག་གིས། ། ཕྱི་ནང་ཁ་ཞབས་གསལ་བའི་ཤེལ་སྒོང་ངོས། ། ངོ་མཚར་སྣང་བཞིའི་ལྟད་མོ་བཤམས་དུ་བཅུག ། རྟོག་པའི་སྤྲིན་ཚོགས་ལང་བའི་ནམ་མཁའ་ནས། ། ཆགས་སྡང་འབྲུག་མོ་ལྡིར་བའི་ངར་ཤུགས་ཀྱིས། ། བྱིན་རླབས་ན་བུན་གཏོར་བའི་འདུ་བྱེད་འདི། ། སྒྱུ་མའི་འཕྲུལ་འཁོར་ཡིན་པ་ཤེས་སུ་བཅུག ། རྟོག་དཔྱོད་ཐེར་ཟུག་བརྩེགས་པའི་ཁང་པ་ནང་། ། དུག་ལྔའི་འདོད་ཡོན་སྤུངས་པའི་དྲེགས་སེམས་འདི། ། འཁོར་བའི་ཁེ་སྐྱེད་ཡིན་པ་ངོ་སྤྲད་ནས། ། སྡུག་བསྔལ་འདུ་འཛིའི་ཡོ་ལང་ཤེས་སུ་བཅུག ། སེམས་ཀྱི་བདེ་བ་འཚོལ་བའི་གོ་རིམ་ཁྲོད། ། སྔ་འཕྱིའི་ལས་འབྲས་བོར་བའི་ལོང་བ་ལ། ། བདེན་པའི་ལམ་འབྲས་གསལ་བའི་མེ་ལོང་ངོས། ། དཀར་ནག་རི་མོ་སྙིང་ནས་འབྲི་རུ་བཅུག…

མདོ་སྔགས་ཟུང་འབྲེལ་གྱི་དོན་ལ་བསམ་པ།

    མ་རྒྱུད་ཐུགས་རྗེ་ཉི་མའི་ཐར་ལམ་རིན་པོ་ཆེའི་ཐེམ་སྐས་ཀྱི་འགྲེལ་བ་ལྡི་ལིའི་དཔར་མ་ཤོག་ངོས་769 ལས། “དེ་ཡང་མདོ་མཛོད་འདུལ་བ་གསུམ་གྱི་རྗེས་སུ་འབྲེང་ནས་ལས་རྒྱུ་འབྲས་ཐམས་ཅད་མིག་གི་འབྲས་བུ་བཞིན་དུ་འཚོ་བ། ཐེག་ཆེན་གསང་སྔགས་ཀྱི་རྗེས་སུ་འབྲེང་ནས་དམ་ཚིག་རང་གི་སྲོག་བས་གཅེས་པར་བསྲུང་བ། ཁྱད་པར་དུ་ཡང་གསང་བ་སྨིན་གྲོལ་བླ་ན་མེད་པའི་རྗེས་སུ་འབྲེང་ནས་སྟོང་ཉིད་ལམ་གྱི་དུས་ན་ཚད་མེད་བཞི་ལ་རྒྱུན་ཆད་མེད་པར་སྤྱོད་ནུས་པ། ན་སོ་ན་ཁན་གྲུས་ལ་སྙོག་པས་གཞི་ཐེག་པ་ཆེན་པོ་དེས། ཚུར་ལྷུན་གྲུབ་ཏུ་ཁྱབ་ནས་འབྱུང་བས། འདེགས་པ་ཐེག་པའི་ཁྱད་ལ་གང་ཡང་སྟོར་བ་མ་ཡིན་ནོ། །གཅིག་པོ་དེ་ལ་གཏུག་པའི་ཐབས་ཡིན་ནོ། །”

བཀའ་དྲིན་ལེགས་སྐྱེས།

འཆད་པ་གསེར་གྱི་ལྡེ་མིག་ཡངས། ། བློ་གྲོས་མཛོད་ཀྱི་སྒོ་མོ་ཟབ། ། རྩོད་པ་རལ་གྲིའི་འཁོར་ལོ་རྣོ། ། མཐའ་འཛིན་ཞེན་པའི་བྲག་རི་སྙི། ། རྩོམ་པ་ནོར་བུའི་བང་མཛོད་འཐུག ། འཁོར་འདས་ཤེས་བྱའི་ལམ་ཡིག་གཉན། ། ཡོངས་ཀྱི་དགེ་བའི་བཤེས་གཉེན་ཞེས། ། ཤེས་རབ་འོད་ཀྱིས་ཕྱུག་པས་ན། ། མ་རིག་མ་རྟོགས་ལོག་རྟོག་གསུམ། ། རིག་པ་འོད་དུ་བསྒྱུར་བ་དང་། ། མ་ཤེས་མ་གོ་མ་མཐོང་གསུམ། ། མངོན་སུམ་མིག་སྔར་བསྟན་པ་སོགས། ། རྨོངས་མུན་ནགས་སུ་འཁྱམས་པའི་སྡེ། ། བློ་གྲོས་ནོར་གྱིས་ཕྱུག་པར་མཛད། ། མདོར་ན་སྤང་བླང་དྲ་རྒྱ་ཡི། ། སྐྱོན་ཡོན་ངོ་རུ་སྤྲོད་པ་དང་། ། ལེགས་ཚོགས་ཡོན་ཏན་རྒྱས་བྱེད་པོ། ། དགེ་བའི་ལམ་སྟོན་རྒན་ལགས་སུ། ། བཀའ་དྲིན་དྲི་མེད་ལེགས་སྐྱེས་ཏེ། ། ཚེ་རིང་ནད་མེད་ཁ་བཏགས་དང་། ། བདེ་སྐྱིད་ལྡན་པའི་ལེགས་སྨོན་ཞུ། །ད་ནང་ཞོགས་པ་ནམ་ལངས་དུས་དྲ་ངོས་རྣམས་སུ་དེ་རིང་དགེ་རྒན་དུས་ཆེན་རེད་ཟེར་ནས་རྩོམ་གྱི་ལེགས་སྐྱེས་ཐ་ཐོར་ཕུལ་ཡོད་པ་མཐོང་སོང་། །དེ་ལྟར་ངས་ཀྱང་ལད་མོའི་ཚུལ་དུ་དངོས་གནས་ཤིག་བྲིས་སོ། །

བརྒྱད་ཅུའི་བརྟན་བཞུགས་གཡུང་དྲུང་ལྷ་རིས།

༡ འོད་དུ་འཚེར་བའི་ལས་དབང་ཞིག་གིས་སྐུ་ཉིད་འཇིག་རྟེན་འདིར་གདན་དུ་དྲངས། དུད་སྤྲིན་གྱིས་གཏམས་པའི་རྒྱ་མཚོར་ལན་གཅིག་གཟིགས། དུས་དེར། སེམས་ཁོང་ན་སྦར་བའི་སྒྲོན་མེའི་འོད་མདངས་དེ་ཡང་མུན་ནག་ཏུ་འགྱུར་ལ་ཁད། འོན་ཀྱང་། ཞོགས་པའི་མཚམས་སྤྲིན་གྱིས་བསུས་པའི་ཉི་མའི་འོད་ཟེར་རྒྱས་དུས། གཡུང་དྲུང་གི་ས་ཆེན་པོའི་ཀློང་དུ་རྣམ་ཤེས་ཀྱི་མྱུ་གུ་གསོན་པོ་ཞིག་འཇིག་རྟེན་འདིར་བུས་འགོ་ཚུགས། རིམ་བཞིན་སྒོ་ཐེམ་ཀྱི་ལ་མོ་བརྒལ་དུས་ཀ་ཁ་ག་ངའི་སྐྲས་གདང་ལས་ཇི་ལྟར་འཛེགས་མིན་མི་ཚོར་བར་བསྭོ་ཐུན་ཉེ་ལོའི་སྒྲ་དབྱངས་ངག་ལ་བྱང་། བཀའ་དྲིན་ཅན་དེ་ཚོས་ཚུལ་ཁྲིམས་ཀྱི་ས་གཞིའི་ཐོག་ཏུ་ཕྱི་ནང་གསང་གསུམ་གྱི་དམུ་ཡད་ནོར་དུ་སྤུངས་ནས་སྤྲུལ་པའི་སྐུ་ཡི་མིང་བྱང་ཞིག་ཁྱེད་དང་ལྷན་དུ་ལུས་དང་གྲིབ་མ་བཞིན་འགྲོགས་སུ་བཅུག དེ་ནས་བཤེས་གཉེན་མང་པོའི་སེམས་ཁོངས་སུ་འཁྱིལ་བའི་བདུད་རྩི་སྟེ་ཁྱེད་ཀྱི་ཐུགས་དམ་གསོ་བའི་ལྟ་སྒོམ་ཉམས་ལེན་དེ་ཚོས་གཞོན་དུས་ཀྱི་ལང་ཚོ་ལ་འོད་མདངས་བྱིན།

སྟོང་གཟུགས་ཀྱི་གོ་བ་མེད་ན།

རང་སེམས་འདི་སྟོང་པ་ཡིན་ཟེར། །བདག་འཛིན་ལ་ཇི་ལྟར་རྒོལ་ཡང་། །ཆགས་ཞེན་གྱི་དཔུང་ཚོགས་འཐུག་པས། །ཉོན་མོངས་ལ་ཉུང་རྒྱུ་མི་འདུག ། གཉེན་པོ་ཞེས་བཟང་ཕྱོགས་ཡོན་ཏན། །སྤང་བྱ་ཞེས་ཉེས་སྐྱོན་རྣམ་གྲངས། །འདི་ལྟར་ཞེས་གྲངས་ཀ་བརྩིས་ཀྱང་། །སེམས་རིག་ལ་ཡག་བཙོག་མེད་དུས། །དབྱེ་འབྱེད་ཀྱི་བློ་དེ་འཁྲུལ་འདུག ། དོན་དམ་ཞེས་ཁ་ཡིས་བཤད་ཅིང་། །ཀུན་རྫོབ་ཅེས་སེམས་ཀྱིས་བཟུང་ནས། །སྣང་སྟོང་གཉིས་ལོགས་སུ་ཕྱེས་ཏེ། །འགྲེལ་བཤད་ལ་པོད་ཏི་བྱས་ཀྱང་། །སྟོང་གཟུགས་ཀྱི་གོ་བ་མེད་ན། །བཤད་པ་རྣམས་ཆུ་ཡི་ལྦུ་བ།

གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་སློབ་གཉེར་བ་རྣམས་ཀྱིས་ལོ་འཁོར་བྲིས་རྒྱུགས་ཆེན་མོ་ཕུལ་བའི་གནས་བསྡུས།

དེ་ཡང་<<གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་>>གི་གཞི་རྩའི་སྒྲིག་ལམ་ལྟར་ལོ་བསྟར་བཞིན་བོད་ཟླ་བརྒྱད་པའི་ནང་གི་རྩོད་རྒྱུགས་ཆེན་མོ་དང་། བོད་ཟླ་བཅུ་པའི་ནང་གི་ཚད་མ་རིགས་སྒྲ་ཆེན་མོ། བོད་ཟླ་བཅུ་གཅིག་ནང་གི་བྲིས་རྒྱུགས་ཆེན་མོ་བཅས་ཀྱི་སྒོ་ནས་བཤད་སྒྲུབ་སློབ་གཉེར་བ་རྣམས་ཀྱི་རིག་ལམ་ལ་སྐུལ་ལྕག་དང་སློབ་སྦྱོང་གོང་འཕེལ་གཏོང་བའི་ཐབས་ལམ་ཇི་དགེ་འདོན་བཞིན་ཡོད་པ་མ་ཟད།

གྱ་སྟོན་དུ་ཕུལ་བའི་རྟོགས་བརྗོད་འཛམ་བུའི་འཁྲི་ཤིང་།

བདེ་ཆེན་འཁོར་ལོར་པད་དཀར་འདབ་མ་བཞད།། སྙིང་རྗེའི་རང་གཟུགས་སྤྲུལ་པའི་ལྷ་ཞལ་འཛུམ།། ཐུགས་བསྐྱེད་ཟླ་བ་བཞུས་པའི་རླབས་རིས་ལས།། འཕྲིན་ལས་འོད་དཀར་ཕུང་པོ་སྲིད་འདིར་འབར།། གཡས་འཁྱིལ་དུང་གི་ལྷག་བསམ་སྒྲ་དང་བསྡེབས།། གཞན་ཕན་ཉི་མའི་འོད་ཟེར་ཐུགས་དང་བསྲེས།། ཀུན་ཤོང་ལྟ་བ་ནམ་མཁའི་ཀློང་དང་འདྲེས།། སྐུ་ཚེའི་གཡུང་དྲུང་འོད་དུ་སྦྲུམ་པར་མཛད།། དུས་གསུམ་ལྷ་གཤེན་ཐུགས་རྗེའི་ཉག་ཐག་ལ།། དད་པའི་ཕྱག་གིས་དམ་དུ་འཇུས་ནས་སུ།། སྒོ་མཛོད་ཐེག་དགུ་རྟོགས་པའི་མེ་ཆེན་པོ།། མི་ནུབ་སེམས་ཀྱིས་གསོས་པའི་རྣམ་ཐར་ཟབ།།